ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་གཟི་མདངས་སྐྱེ་བའི་ཡུལ་ནི་ཡོན་ཏན་མདངས་འགྲོ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་སྟོང་ངོ་། །​ཡབ་ནི་ཏོག་མཆོག་གཟི་བརྗིད་རྒྱལ་པོ་ཞེས་བྱའོ། །​ཡུམ་ནི་ཡེ་ཤེས་སྣང་བ་སྦྱིན་པ་ཞེས་བྱའོ། །​སྲས་ནི་ནོར་ལྷ་གསལ་བ་ཞེས་བྱའོ། །རིམ་གྲོ་པ་ནི་བསོད་ནམས་ཀྱི་ཕུང་པོ་ཏོག་གི་རྒྱལ་མཚན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲོན་མའི་ཕུང་པོ་ཆེན་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆགས་པ་མེད་པའི་མཐའ་ལས་ངེས་པར་འབྱུང་བའི་བློ་ཅན་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་བདུན་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རྒྱལ་རིགས་སྐྱེ་བའི་ཡུལ་ནི་རྒྱལ་པོའི་དྲང་སྲོང་ཕྲུག་གུ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔ་སྟོང་ངོ་། །​ཡབ་ནི་བསོད་ནམས་འབྱོར་པའི་ཏོག་ཅེས་བྱའོ། །​ཡུམ་ནི་བསོད་ནམས་འགྲོས་ཞེས་བྱའོ། །​སྲས་ནི་ཡུལ་འཁོར་ཆོས་དགེ་ཞེས་བྱའོ། །​རིམ་གྲོ་པ་ནི་རྒྱལ་སྲིད་འཕེལ་བར་བྱེད་པའི་བློ་ཅན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་སྟོབས་བྱིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བཞིན་དོན་ཡོད་མཆོག་ཅེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སྐལ་ལྡན་ཤིང་རྟ་སྐྱེ་བའི་ཡུལ་ནི་འཇིགས་པ་མེད་པའི་འོད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བཅུ་གསུམ་མོ། །​ཡབ་ནི་ཆུ་ལྷས་བྱིན་ཞེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14302#UT22084-045-001-14302