ཆེན་པོ་རྟག་པ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་ཉི་ཤུ་རྩ་ལྔ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རབ་ཏུ་སྦྱིན་པར་གྲགས་པ་སྐྱེ་བའི་ཡུལ་ནི་གྲགས་པ་མཐའ་ཡས་རྒྱལ་མཚན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱད་བརྒྱའོ། །​ཡབ་ནི་མཐུ་རྩལ་གྲགས་པ་ཞེས་བྱའོ། །​ཡུམ་ནི་གྲགས་པ་མཐའ་ཡས་འཛིན་ཞེས་བྱའོ། །​སྲས་ནི་གྲགས་པ་ཀུན་ཏུ་འཕགས་པ་ཞེས་བྱའོ། །​རིམ་གྲོ་པ་ནི་གྲགས་ཆེན་རྒྱལ་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་མཆོག་གསལ་བ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཞན་གྲགས་དད་བྱེད་ཡང་དག་འཕགས་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བཅྭ་བརྒྱད་དེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཉི་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་འོད་གཙང་སྐྱེ་བའི་ཡུལ་ནི་འཕགས་པ་གཟིགས་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅུ་དྲུག་གོ། །​ཡབ་ནི་ཡང་དག་དོན་སེམས་ཞེས་བྱའོ། །​ཡུམ་ནི་བདུད་རྩིའི་སེམས་ཞེས་བྱའོ། །​སྲས་ནི་དུས་བྱིན་དབྱངས་ཞེས་བྱའོ། །​རིམ་གྲོ་པ་ནི་སྒྲ་དང་བརྡ་ཟད་མི་ཤེས་པ་འཛིན་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔུང་གི་ཚོགས་རབ་ཏུ་འཇོམས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕས་ཀྱི་རྒོལ་བ་རྣམ་པར་འཇིག་པ་ལ་དཔའ་བ་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བཅྭ་བརྒྱད་དེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་བདུན་བཅུ་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ལྷའི་ཉི་མ་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡས་པའི་འོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་སྟོང་ངོ་། །​ཡབ་ནི་འོད་འཕགས་ཞེས་བྱའོ། །​ཡུམ་ནི་སྣང་བ་མཐའ་ཡས་བཀོད་པའི་གཟི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14300#UT22084-045-001-14300