བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་རྟོགས་མཛད་སྐྱེ་བའི་ཡུལ་ནི་གཟི་བརྗིད་གསལ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་བརྒྱའོ། །​ཡབ་ནི་ཤིན་ཏུ་རྣམ་པར་དག་པའི་བློ་ཞེས་བྱའོ། །​ཡུམ་ནི་བློ་གསལ་ལྡན་ཞེས་བྱའོ། །​སྲས་ནི་ཡོན་ཏན་ཐམས་ཅད་རྟོགས་བྱེད་ཡེ་ཤེས་བྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་ཡིད་འོང་སེམས་པ་འདོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་ཀྱི་འབྱུང་གནས་བྱང་ཆུབ་ཏུ་སྨོན་པའི་བློ་ཅན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེའི་མེ་ཏོག་གི་འོད་ཅེས་བྱའོ། །​འདུས་པ་ནི་ལན་བཅྭ་བརྒྱད་དེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྤྱན་ལེགས་སྐྱེ་བའི་ཡུལ་ནི་ཡོན་ཏན་འབུམ་ཕྲག་བཀོད་པར་སྣང་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་ཁྲི་བཞི་སྟོང་ངོ་། །​ཡབ་ནི་སྤྱོད་པ་མ་འཁྲུལ་གསལ་བའི་རྒྱལ་པོ་ཞེས་བྱའོ། །​ཡུམ་ནི་ཡེ་ཤེས་ཕུང་པོ་གཟི་བརྗིད་འཕགས་ལྡན་མ་ཞེས་བྱའོ། །​སྲས་ནི་སྒྲ་སྐད་ཟད་མི་ཤེས་པར་སྟོན་པའི་བློ་གྲོས་ཅན་ཞེས་བྱའོ། །​རིམ་གྲོ་པ་ནི་ཤེས་རབ་ཀྱི་སྣང་བ་རྣམ་པར་གདོན་མི་ཟ་བའི་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་བྱེ་བ་བརྒྱ་ཕྲག་སྙེད་ཀྱིས་ཟིལ་གྱིས་མི་ནོན་པའི་ཉི་མའི་གཟི་བརྗིད་ཀྱི་ཁ་དོག་ཅན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེ་ཐམས་ཅད་ཀྱི་གཟི་བརྗིད་རྣམ་པར་གྲགས་པའི་རྒྱལ་པོ་ཞེས་བྱའོ། །​འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ཁྲི་ཕྲག་རེ་རེའོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །​དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་དོན་ལ་གནས་པའི་བློ་མངའ་བ་སྐྱེ་བའི་ཡུལ་ནི་དོན་མཐའ་ཡས་པའི་བཀོད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅུའོ། །​ཡབ་ནི་དོན་གྱི་རྒྱལ་པོ་ཞེས་བྱའོ། །​ཡུམ་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14296#UT22084-045-001-14296