གཤེགས་པ་བསོད་ནམས་ལག་སྐྱེ་བའི་ཡུལ་ནི་ལག་བདག་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ལྔ་བརྒྱའོ། །​ཡབ་ནི་རིན་པོ་ཆེའི་ལག་པ་ཞེས་བྱའོ། །​ཡུམ་ནི་ཀླུ་ལག་མ་ཞེས་བྱའོ། །​སྲས་ནི་ལྷའི་མཆོད་རྟེན་ཞེས་བྱའོ། །​རིམ་གྲོ་པ་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཆོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོག་གི་རྒྱལ་པོ་ཞེས་བྱའོ། །​འདུས་པ་ནི་ལན་ཉི་ཤུ་རྩ་བརྒྱད་དེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་ལྔ་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་སུམ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཆགས་པ་མེད་པ་སྐྱེ་བའི་ཡུལ་ནི་ཡོན་ཏན་གྱི་འབྱུང་གནས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་བརྒྱའོ། །ཡབ་ནི་ལྟ་བ་གསལ་ཞེས་བྱའོ། །​ཡུམ་ནི་ལྟ་དགའ་ཞེས་བྱའོ། །​སྲས་ནི་ཡིད་བདེ་སྐྱེས་ཞེས་བྱའོ། །​རིམ་གྲོ་པ་ནི་ལྷ་མཆོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྡོ་རྗེའི་བློ་གྲོས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཟང་པོའི་ཏོག་ཅེས་བྱའོ། །​འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཡེ་ཤེས་གྱ་ནོམ་སྐྱེ་བའི་ཡུལ་ནི་གྱ་ནོམ་མཐའ་ཡས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་ཁྲིའོ། །​ཡབ་ནི་ཡེ་ཤེས་འོད་ཅེས་བྱའོ། །​ཡུམ་ནི་ཡེ་ཤེས་འོད་ཟེར་ཞེས་བྱའོ། །​སྲས་ནི་ལྷའི་ཡེ་ཤེས་ཞེས་བྱའོ། །​རིམ་གྲོ་པ་ནི་བློ་གྲོས་གྲགས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་རྒྱ་མཚོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡུལ་འཁོར་ལྷ་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བཞི་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14286#UT22084-045-001-14286