ཅན་ཞེས་བྱའོ། །​སྲས་ནི་ཟླ་རྐང་ཞེས་བྱའོ། །​རིམ་གྲོ་པ་ནི་གྲགས་པའི་དབྱངས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་དཔལ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྡོ་རྗེ་བྱིན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་དྲུག་གོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བདུན་ནོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཉི་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཕྲེང་ཐོགས་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་བསོད་ནམས་ཀྱི་འབྱུང་གནས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་ཅུའོ། །​ཡབ་ནི་པད་མ་དཀར་པོ་ཞེས་བྱའོ། །​ཡུམ་ནི་ཡོན་ཏན་བྱིན་ཞེས་བྱའོ། །སྲས་ནི་དཔལ་གྱི་བསོད་ནམས་ཞེས་བྱའོ། །​རིམ་གྲོ་པ་ནི་གཟུགས་བཟང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲོན་མ་མཐའ་ཡས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་རྒྱལ་པོ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དགྲ་བཅོམ་པ་དུང་ཕྱུར་ཕྲག་དགུའོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དགུའོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཡོན་ཏན་འོད་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ཨུད་པ་ལ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དྲུག་ཅུའོ། །​ཡབ་ནི་སྣང་ལྡན་ཞེས་བྱའོ། །​ཡུམ་ནི་བསོད་ནམས་ཕུང་པོ་ཞེས་བྱའོ། །​སྲས་ནི་ཆོས་སྤོབས་ཞེས་བྱའོ། །​རིམ་གྲོ་པ་ནི་བསོད་ནམས་མཆོད་འོས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཻ་དཱུརྱའི་སྙིང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སས་བྱིན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་བརྒྱ་ཕྲག་བཅུ་དྲུག་གོ། །​གཉིས་པ་ལ་ནི་བྱེ་བ་བརྒྱ་ཕྲག་བཅུ་གཉིས་སོ། །​གསུམ་པ་ལ་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14068#UT22084-045-001-14068