ཕྲག་གསུམ་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​སངས་རྒྱས་བཅུ་པོ་དེ་བཞིན་གཤེགས་པ་དང་པོ་པ་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པ་ཇི་སྙེད་པ་དེ་སྙེད་ཅིག་ནི་དེ་བཞིན་གཤེགས་པ་དེ་གཅིག་པུས་ཀྱང་མཛད་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དེད་དཔོན་སྐྱེ་བའི་ཡུལ་ནི་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་མཆོག་མཛེས་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་ཅུ་རྩ་བཞིའོ། །​ཡབ་ནི་བག་ཚ་བ་མེད་པ་ཞེས་བྱའོ། །​ཡུམ་ནི་ཕན་འདོད་མ་ཞེས་བྱའོ། །​སྲས་ནི་དགའ་བ་ཞེས་བྱའོ། །རིམ་གྲོ་པ་ནི་མཚོ་ཆེན་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔལ་མཆོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོད་འོས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་བདུན་འབུམ་མོ། །​གཉིས་པ་ལ་ནི་དྲུག་འབུམ་མོ། །​གསུམ་པ་ལ་ནི་ལྔ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ལག་ཆེན་སྐྱེ་བའི་ཡུལ་ནི་འགྲོ་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔའོ། །ཡབ་ནི་བརྩོན་འགྲུས་བྱིན་ཞེས་བྱའོ། །​ཡུམ་ནི་དྲང་སྲོང་བྱིན་ཞེས་བྱའོ། །​སྲས་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །​རིམ་གྲོ་པ་ནི་ལེགས་སེམས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བག་ཚ་བ་མེད་པའི་ང་རོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རླུང་ལྟར་འགྲོ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གཅིག་གོ། །​དེ་ཕན་ཆད་ནི་བགྲང་གིས་མི་ལང་ངོ་། །​སྐུ་ཚེའི་ཚད་ནི་ལོ་དུང་ཕྱུར་ཕྲག་བཞིའོ། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྟོབས་ཆེན་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་རིན་པོ་ཆེའི་གཟི་བརྗིད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་ཅུའོ། །​ཡབ་ནི་མཛེས་ལྡན་ཞེས་བྱའོ། །​ཡུམ་ནི་གཟི་བརྗིད་ཅན་མ་ཞེས་བྱའོ། །​སྲས་ནི་སེང་གེའི་འགྲོས་ཞེས་བྱའོ། །​རིམ་གྲོ་པ་ནི་བཟང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14062#UT22084-045-001-14062