མི་དབེན་པ་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཁོར་བ་དང་། མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཅེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཅེས་བྱ་བ་མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཅེས་བྱ་བ་འཁོར་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཆོས་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཆོས་ཞེས་བྱ་བ་མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཆོས་ཞེས་བྱ་བ་འཁོར་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་འཁོར་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་འཁོར་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​གང་ཡང་ཡིད་དང་ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་འབྱུང་ཞེས་བྱ་བ་དེ་ཡང་རྟག་པ་དང་། མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བདེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6804#UT22084-026-001-6804