ནང་པར་ལངས་ཏེ། ཟླ་བའི་འོད་དེ་བཞིན་གཤེགས་པའི་མཚན་དྲན་པར་བྱེད་པ་དེ་ནི་བསྐལ་པ་བཞི་ཁྲིར་ཚེ་རབས་དྲན་པར་འགྱུར་ཏེ། དེ་ནི་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །​ཟླ་བའི་འོད་ཀྱི་མཚན་རྗེས་སུ་དྲན་པས་ཡོན་ཏན་དེ་རྣམས་ཐོབ་པར་འགྱུར་རོ། །​ཟླ་བའི་འོད་ཀྱི་མཚན་རྗེས་སུ་དྲན་པ་རྫོགས་སོ།​།


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh868/UT22084-088-029-94#UT22084-088-029-94