པར་འཇུག་པའི་མཚན་ཉིད་མྱེད་དོ། །​རྣམ་པར་ཐར་པ་རྣམས་ལ་རྣམ་པར་ཐར་པའི་མཚན་ཉིད་མྱེད་དོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་མཚན་ཉིད་མྱེད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་མྱེད་དོ། །​མངོན་པར་ཤེས་པ་རྣམས་ལ་མངོན་པར་ཤེས་པའི་མཚན་ཉིད་མྱེད་དོ། །​ཏིང་ངེ་འཛིན་རྣམས་ལ་ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་མྱེད་དོ། །​གཟུངས་ཀྱི་སྒོ་རྣམས་ལ་གཟུངས་ཀྱི་སྒོའི་མཚན་ཉིད་མྱེད་དོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་ལ། དེ་བཞིན་གཤེགས་པའི་སྟོབས་ཀྱི་མཚན་ཉིད་མྱེད་དོ། །​མྱི་འཇིགས་པ་བཞི་ལ་མྱི་འཇིགས་པའི་མཚན་ཉིད་མྱེད་དོ། །​སོ་སོ་ཡང་དག་པར་རིག་པ་བཞི་ལ་སོ་སོ་ཡང་དག་པར་རིག་པའི་མཚན་ཉིད་མྱེད་དོ། །​བྱམས་པ་ཆེན་པོ་ལ་བྱམས་པ་ཆེན་པོའི་མཚན་ཉིད་མྱེད་དོ། །​སྙིང་རྗེ་ཆེན་པོ་ལ་སྙིང་རྗེ་ཆེན་པོའི་མཚན་ཉིད་མྱེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ། སངས་རྒྱས་ཀྱི་ཆོས་ཀྱི་མཚན་ཉིད་མྱེད་དོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་མཚན་ཉིད་མྱེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མཚན་ཉིད་མྱེད་དོ། །​ཕྱིར་མྱི་འོང་བའི་འབྲས་བུ་ལ་ཕྱིར་མྱི་འོང་བའི་འབྲས་བུའི་མཚན་ཉིད་མྱེད་དོ། །​དགྲ་བཅོམ་པ་ཉིད་ལ་དགྲ་བཅོམ་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​རང་བྱང་ཆུབ་ལ་རང་བྱང་ཆུབ་ཀྱི་མཚན་ཉིད་མྱེད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཀྱི་མཚན་ཉིད་མྱེད་དོ། །​མ་ནོར་བ་དེ་བཞིན་ཉིད་ལ་མ་ནོར་བ་དེ་བཞིན་ཉིད་ཀྱི་མཚན་ཉིད་མྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6761#UT22084-014-001-6761