བཞིན་ནི་དངོས་པོ་མྱེད་པའོ། །​ཏིང་ངེ་འཛིན་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། གཟུངས་ཀྱི་སྒོ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​མྱི་འཇིགས་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​བྱམས་པ་ཆེན་པོའི་རང་བཞིན་ནི་དངོས་པོ་མྱེད་པའོ། །​སྙིང་རྗེ་ཆེན་པོའི་རང་བཞིན་ནི་དངོས་པོ་མྱེད་པའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་ནི་དངོས་པོ་མྱེད་པའོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་ནི་དངོས་པོ་མྱེད་པའོ། །​ཕྱིར་མྱི་འོང་བའི་འབྲས་བུའི་རང་བཞིན་ནི་དངོས་པོ་མྱེད་པའོ། །དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​རང་བྱང་ཆུབ་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​དེ་བཞིན་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​མ་ནོར་བ་དེ་བཞིན་ཉིད་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །​གཞན་མ་ཡིན་པ་དེ་བཞིན་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​ཆོས་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​ཆོས་ཀྱི་གནས་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​ཆོས་སྐྱོན་མྱེད་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​ཡང་དག་པའི་མཐའི་རང་བཞིན་ནི་དངོས་པོ་མྱེད་པའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདི་ལྟར་གཟུགས་ལ་གཟུགས་ཀྱི་རང་བཞིན་མྱེད་པ་དང་། ཚོར་བ་ལ་ཚོར་བའི་རང་བཞིན་མྱེད་པ་དང་། འདུ་ཤེས་ལ་འདུ་ཤེས་ཀྱི་རང་བཞིན་མྱེད་པ་དང་། འདུ་བྱེད་ལ་འདུ་བྱེད་ཀྱི་རང་བཞིན་མྱེད་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་རང་བཞིན་མྱེད་པ་དང་། མྱིག་ལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6752#UT22084-014-001-6752