ཅད་ཡོངས་སུ་མ་བཟུང་བའི་སླད་དུ། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་མྱི་འཛིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། དབང་པོ་རྣམས་ཡོངས་སུ་མྱི་འཛིན་པ་དང་། སྟོབས་རྣམས་ཡོངས་སུ་མྱི་འཛིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་མྱི་འཛིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། འཕགས་པའི་བདེན་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། བསམ་གཏན་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཚད་མྱེད་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཐར་པ་བརྒྱད་ཡོངས་སུ་མྱི་འཛིན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མྱི་འཛིན་པ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་མྱི་འཛིན་པ་དང་། ཏིང་ངེ་འཛིན་རྣམས་ཡོངས་སུ་མི་འཛིན་པ་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མྱི་འཛིན་པ་དང་། མྱི་འཇིགས་པ་བཞི་ཡོངས་སུ་མྱི་འཛིན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མྱི་འཛིན་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་མྱི་འཛིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་མྱི་འཛིན་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་པ་དང་། དགྲ་བཅོམ་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། རང་བྱང་ཆུབ་ཡོངས་སུ་མྱི་འཛིན་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6720#UT22084-014-001-6720