རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པར་དམར་བ་མི་དམིགས་པའི་ཕྱིར། རྣམ་པར་དམར་བའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པར་སྔོས་པ་མི་དམིགས་པའི་ཕྱིར། རྣམ་པར་སྔོས་པའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པར་ཟོས་པ་མི་དམིགས་པའི་ཕྱིར། རྣམ་པར་ཟོས་པའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པར་འཐོར་བ་མི་དམིགས་པའི་ཕྱིར། རྣམ་པར་འཐོར་བའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རུས་པ་མི་དམིགས་པའི་ཕྱིར། རུས་པའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པར་ཚིག་པ་མི་དམིགས་པའི་ཕྱིར། རྣམ་པར་ཚིག་པའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། མི་མཐུན་པ་མི་དམིགས་པའི་ཕྱིར། ཟས་ལ་མི་མཐུན་པའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སངས་རྒྱས་མི་དམིགས་པའི་ཕྱིར། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཆོས་མི་དམིགས་པའི་ཕྱིར། ཆོས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-5947#UT22084-014-001-5947