དེ་ལྟར་ན་མྱིང་དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །​བཅོམ་ལྡན་འདས་བདག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམྱིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམྱིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མྱིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་མྱིང་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མྱིང་དེ་མ་མཆིས་པས་དེ་ལྟར་ན་མྱིང་དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །​བཅོམ་ལྡན་འདས་བདག་གིས་འདས་པ་མ་མཆིས་པ་དང་མ་འོངས་པ་མ་མཆིས་པ་དང་ད་ལྟར་བྱུང་བ་མ་མཆིས་པའི་འཕེལ་བ་དང་འགྲིབ་པ་མ་དམྱིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེ་ལ་ཇི་ཞེས་བགྱི་ཞེ་ན། དེ་ནི་འདུས་མ་བགྱིས་ཏེ། འདུས་མ་བགྱིས་པ་ནི་འདས་པ་མ་ལགས་སོ། །​མ་འོངས་པ་མ་ལགས་སོ། །​ད་ལྟར་བྱུང་བ་མ་ལགས་སོ། །​བཅོམ་ལྡན་འདས་བདག་གིས་འདུས་མ་བགྱིས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམྱིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། འདུས་མ་བགྱིས་པ་དེ་ཡང་གང་ཞེ་ན། གང་ལ་སྐྱེ་བ་མ་མཆིས། གནས་པ་མ་མཆིས་འཇིག་པ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བདག་གིས་ནི། བཅོམ་ལྡན་འདས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམྱིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​བཅོམ་ལྡན་འདས་བདག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6586#UT22084-014-001-6586