དང་། རྣམ་པར་བྱང་བ་མྱེད་པ་ནི་ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་དག་པའོ། །​དགྲ་བཅོམ་པ་ཉིད་ལ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་དགྲ་བཅོམ་པ་ཉིད་ཡོངས་སུ་དག་པའོ། །​རང་བྱང་ཆུབ་ལ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་རང་བྱང་ཆུབ་ཡོངས་སུ་དག་པའོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྐྱེ་བ་མེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པའོ། །​རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །​གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར། ནམ་མཁའ་ཡོངས་སུ་དག་པའོ། །​རབ་འབྱོརད་ནམ་མཁའ་ལ་འགོ་བ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །​གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ལ་འགོ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོརད་ནམ་མཁའ་གཟུང་དུ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །​རབ་འབྱོར་ནམ་མཁའ་ལ་ཐ་སྙད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99199#UT22084-014-001-99199