རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་དགྲ་བཅོམ་པ་ཉིད་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་རང་བྱང་ཆུབ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ལ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པ་ནི་གཟུགས་ཡོངས་སུ་དག་པའོ། །​ཚོར་བ་ལ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པ་ནི་ཚོར་བ་ཡོངས་སུ་དག་པའོ། །​འདུ་ཤེས་ལ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པ་ནི་འདུ་ཤེས་ཡོངས་སུ་དག་པའོ། །​འདུ་བྱེད་ལ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99188#UT22084-014-001-99188