སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​ཐམས་ཅད་ཤེས་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​ཐམས་ཅད་ཤེས་པ་ཉིད་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​ཐམས་ཅད་ཤེས་པ་ཉིད་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​ཐམས་ཅད་ཤེས་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​ཐམས་ཅད་ཤེས་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​ཐམས་ཅད་ཤེས་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99166#UT22084-014-001-99166