གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​ནམ་མཁའི་ཁམས་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​ནམ་མཁའི་ཁམས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​ནམ་མཁའི་ཁམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​རྣམ་པར་ཤེས་པའི་ཁམས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​རྣམ་པར་ཤེས་པའི་ཁམས་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​རྣམ་པར་ཤེས་པའི་ཁམས་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​རྣམ་པར་ཤེས་པའི་ཁམས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​རྣམ་པར་ཤེས་པའི་ཁམས་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​མ་རིག་པ་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​མ་རིག་པ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​མ་རིག་པ་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​མ་རིག་པ་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​མ་རིག་པ་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​མ་རིག་པ་བཅིངས་ཞེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99138#UT22084-014-001-99138