པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར་རོ། །​གང་ཡང་བསྐལ་པ་བཟང་པོ་འདི་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་དེ་དག་ཀྱང་། སའི་ཕྱོགས་འདི་ཉིད་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར་རོ། །​གསོལ་པ་བཅོམ་ལྡན་འདས་རྣམ་པ་གང་དང་། རྟགས་གང་དང་མཚན་མ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​འདི་ལ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱམས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། གཟུགས་རྟག་ཅེས་བྱ་བ་འམ་མྱི་རྟག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​གཟུགས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​གཟུགས་བདག་ཅེས་བྱ་བ་འམ་བདག་མྱེད་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​གཟུགས་སྡུག་ཅེས་བྱ་བ་འམ་མྱི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​གཟུགས་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །གཟུགས་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​གཟུགས་འདས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​གཟུགས་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་མྱི་འགྱུར་རོ། །​གཟུགས་ད་ལྟར་བྱུང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99119#UT22084-014-001-99119