རློམ་སེམས་སུ་མྱི་བྱེད། སྨྱིག་རྒྱུས་རློམ་སེམས་སུ་མྱི་བྱེད། སྨྱིག་རྒྱུ་བདག་གི་ཞེས་རློམ་སེམས་སུ་མྱི་བྱེད། སྨྱིག་རྒྱུ་ལ་རློམ་སེམས་སུ་མྱི་བྱེད་དོ། །​དེ་སྒྲ་བརྙན་རློམ་སེམས་སུ་མྱི་བྱེད། སྒྲ་བརྙན་གྱིས་རློམ་སེམས་སུ་མྱི་བྱེད། སྒྲ་བརྙན་བདག་གི་ཞེས་རློམ་སེམས་སུ་མྱི་བྱེད། སྒྲ་བརྙན་ལ་རློམ་སེམས་སུ་མྱི་བྱེད་དོ། །​དེ་མྱིག་ཡོར་རློམ་སེམས་སུ་མྱི་བྱེད། མྱིག་ཡོར་གྱིས་རློམ་སེམས་སུ་མྱི་བྱེད། མྱིག་ཡོར་བདག་གི་ཞེས་རློམ་སེམས་སུ་མྱི་བྱེད། མྱིག་ཡོར་ལ་རློམ་སེམས་སུ་མྱི་བྱེད་དོ། །​དེ་དྲི་ཟའི་གྲོང་ཁྱེར་རློམ་སེམས་སུ་མྱི་བྱེད། དྲི་ཟའི་གྲོང་ཁྱེར་གྱིས་རློམ་སེམས་སུ་མྱི་བྱེད། དྲི་ཟའི་གྲོང་ཁྱེར་བདག་གི་ཞེས་རློམ་སེམས་སུ་མྱི་བྱེད། དྲི་ཟའི་གྲོང་ཁྱེར་ལ་རློམ་སེམས་སུ་མྱི་བྱེད་དོ། །​དེ་སྤྲུལ་པ་རློམ་སེམས་སུ་མྱི་བྱེད། སྤྲུལ་པས་རློམ་སེམས་སུ་མྱི་བྱེད། སྤྲུལ་པ་བདག་གི་ཞེས་རློམ་སེམས་སུ་མྱི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མྱི་བྱེད་དོ།​། །​།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་པ། དེ་ནས་སངས་རྒྱས་ཀྱི་མཐུས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མའི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། ཚངས་རིས་ཀྱི་ལྷ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷ་དང་། ཚངས་པ་ཀུན་འཁོར་གྱི་ལྷ་དང་། ཚངས་ཆེན་གྱི་ལྷ་དང་། སྣང་བའི་ལྷ་དང་། ཆུང་སྣང་གི་ལྷ་དང་། ཚད་མྱེད་སྣང་བའི་ལྷ་དང་། ཀུན་སྣང་དང་བའི་ལྷ་དང་། དགེ་བའི་ལྷ་དང་། ཆུང་དགེའི་ལྷ་དང་། ཚད་མྱེད་དགེ་བའི་ལྷ་དང་། དགེ་རྒྱས་ཀྱི་ལྷ་དང་། ཆེ་བའི་ལྷ་དང་། ཆུང་ཆེའི་ལྷ་དང་། ཚད་མྱེད་ཆེ་བའི་ལྷ་དང་། འབྲས་བུ་ཆེ་བའི་ལྷ་དང་། མྱི་ཆེ་བའི་ལྷ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99114#UT22084-014-001-99114