སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །​གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་སྨོན་པ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །​གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་སྨོན་པ་མྱེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །​གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་ཇི་ཞིག་ལ་བརྟེན་ནས། འདི་སྐད་དུ། གཟུགས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། ཚོར་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། འདུ་ཤེས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། འདུ་བྱེད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། རྣམ་པར་ཤེས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། དེ་བཞིན་དུ། གཟུགས་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །​འདུ་ཤེས་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །​འདུ་བྱེད་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །​རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6466#UT22084-014-001-6466