པར་གང་སེམས་པ་དེ་ནི་བསམ་པ་ལྟར་མྱི་འགྲུབ་ཅིང་། དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །​ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱི་ནུས་སོ། །​སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་གང་སེམས་པ་དེ་ནི་བསམ་པ་ལྟར་མྱི་འགྲུབ་ཅིང་། དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་རབ་འབྱོར་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རྨྱི་ལམ་ལྟ་བུའི་ཆོས་དང་། སྒྱུ་མ་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཆོས་རྣམས་ཡོངས་སུ་ཤེས་པ་དང་། དེ་ལྟར་ཡོངས་སུ་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨྱི་ལམ་རློམ་སེམས་སུ་མྱི་བྱེད། རྨྱི་ལམ་གྱིས་རློམ་སེམས་སུ་མྱི་བྱེད། རྨྱི་ལམ་བདག་གི་ཞེས་རློམ་སེམས་སུ་མྱི་བྱེད། རྨྱི་ལམ་ལ་རློམ་སེམས་སུ་མྱི་བྱེད། སྒྱུ་མ་རློམ་སེམས་སུ་མྱི་བྱེད། སྒྱུ་མས་རློམ་སེམས་སུ་མྱི་བྱེད། སྒྱུ་མ་བདག་གི་ཞེས་རློམ་སེམས་སུ་མྱི་བྱེད། སྒྱུ་མ་ལ་རློམ་སེམས་སུ་མྱི་བྱེད། སྨྱིག་རྒྱུ་རློམ་སེམས་སུ་མྱི་བྱེད། སྨྱིག་རྒྱུས་རློམ་སེམས་སུ་མྱི་བྱེད། སྨྱིག་རྒྱུ་བདག་གི་ཞེས་རློམ་སེམས་སུ་མྱི་བྱེད། སྨྱིག་རྒྱུ་ལ་རློམ་སེམས་སུ་མྱི་བྱེད། སྒྲ་བརྙན་རློམ་སེམས་སུ་མྱི་བྱེད། སྒྲ་བརྙན་གྱིས་རློམ་སེམས་སུ་མྱི་བྱེད། སྒྲ་བརྙན་བདག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99019#UT22084-014-001-99019