བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་འདི་ལྟ་སྟེ། དཔེར་ན་འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ་ཏིལ་གྱི་ཞིང་བཞིན་དུ་དེ་བཞིན་གཤེགས་པ་མང་པོས་ཡོངས་སུ་གང་བར་གྱུར་ལ། དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་བསྐལ་པ་འམ་བསྐལ་པའི་ལྷག་མར་ཆོས་བསྟན་ཏེ། དེ་བཞིན་གཤེགས་པ་རེ་རེས་སེམས་ཅན་ཚད་མ་མཆིས་གྲངས་མ་མཆིས་པ་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་། སེམས་ཅན་གྱི་ཁམས་ལ་འགྲིབ་པ་འམ་འགང་བར་མྱི་གདའ་འོ། །​དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་མ་མཆིས་པ་དང་། སེམས་ཅན་དབེན་པའི་སླད་དུ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བདག་འདི་སྐད་དུ་སེམས་ཅན་རྣམས་ཀྱི་སླད་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་པ་དེ་དག་ནི་ནམ་མཁའ་ཡོངས་སུ་སྨིན་པར་བགྱི་བར་འཚལ་ཞིང་ཡོངས་སུ་དགྲོལ་བར་འཚལ་བ་ལགས་ཞེས་མཆིའོ། །​དེ་ནས་དགེ་སློང་གཅིག་ཅིག་འདི་སྙམ་དུ་གྱུར་ཏེ། གང་ལ་ཆོས་གང་ཡང་སྐྱེ་བ་དང་འགག་པ་ཡང་མྱེད་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་ཡོད། ཏིང་ངེ་འཛིན་གྱི་ཕུང་པོ་ཡང་ཡོད། ཤེས་རབ་ཀྱི་ཕུང་པོ་ཡང་ཡོད། རྣམ་པར་གྲོལ་བའི་ཕུང་པོ་ཡང་ཡོད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡང་ཡོད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ཡོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཡོད། ཕྱིར་མྱི་འོང་བའི་འབྲས་བུ་ཡང་ཡོད། དགྲ་བཅོམ་པ་ཉིད་ཀྱང་ཡོད། །​རང་བྱང་ཆུབ་ཀྱང་ཡོད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད། རྒྱུན་ཏུ་ཞུགས་པ་ཡང་ཡོད། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་ཡང་ཡོད། དགྲ་བཅོམ་པ་ཡང་ཡོད། རང་སངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99016#UT22084-014-001-99016