གལ་ཏེ་སྲེད་པ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། སྲེད་པ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་སྲེད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་ལེན་པ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། ལེན་པ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ལེན་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་སྲིད་པ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། སྲིད་པ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་སྐྱེ་བ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་རྒ་ཤི་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། རྒ་ཤི་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་རྒ་ཤི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98982#UT22084-014-001-98982