ཕྱིར་ཞེ་ན། རྣམ་པར་ཤེས་པ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་མྱིག་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། མྱིག་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་མྱིག་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་རྣ་བ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། དེ་ཅིའི་ཕྱིར་ཞེ་ན། རྣ་བ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་རྣ་བ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་སྣ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། སྣ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་སྣ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་ལྕེ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། ལྕེ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ལྕེ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་ལུས་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་སོ་ཞེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། ལུས་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ལུས་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98973#UT22084-014-001-98973