པ་འམ། སྡུག་པ་འམ། མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣམ་པར་ཤེས་པ་མྱེད་དོ། །​གལ་ཏེ་མྱིང་དང་གཟུགས་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་མྱིང་དང་གཟུགས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་མྱིང་དང་གཟུགས་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་མྱིང་དང་གཟུགས་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་མྱིང་དང་གཟུགས་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་མྱི་རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་མྱིང་དང་གཟུགས་མྱེད་དོ། །​གལ་ཏེ་སྐྱེ་མཆེད་དྲུག་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་སྐྱེ་མཆེད་དྲུག་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་སྐྱེ་མཆེད་དྲུག་ཞེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་སྐྱེ་མཆེད་དྲུག་བདག་ཅེས་བྱ་བ་འམ། བདག་མྱེད་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་སྐྱེ་མཆེད་དྲུག་སྡུག་ཅེས་བྱ་བ་འམ། མྱི་སྡུག་ཅེས་བྱ་བར་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། གང་རྟག་པའམ་མྱི་རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་མྱེད་པ་འམ། སྡུག་པ་འམ་མྱི་སྡུག་པར་འགྱུར་བ་དེ་ལྟ་བུའི་སྐྱེ་མཆེད་དྲུག་མྱེད་དོ། །​གལ་ཏེ་རེག་པ་ལ་མྱི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98943#UT22084-014-001-98943