རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སུས་ཀྱང་མ་མཐོང་མ་ཐོས་མ་རྟོགས་རྣམ་པར་མ་ཤེས། མངོན་པར་སངས་མ་རྒྱས་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མྱི་ཁྱབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་སེམས་ཀྱིས་མ་ཤེས་སོ། །​གཟུགས་ཀྱིས་མ་ཤེས་སོ། །​ཚོར་བས་མ་ཤེས་སོ། །​འདུ་ཤེས་ཀྱིས་མ་ཤེས་སོ། །​འདུ་བྱེད་ཀྱིས་མ་ཤེས་སོ། །​རྣམ་པར་ཤེས་པས་མ་ཤེས་སོ། །​མྱིག་གིས་མ་ཤེས་སོ། །​རྣ་བས་མ་ཤེས་སོ། །​སྣས་མ་ཤེས་སོ། །​ལྕེས་མ་ཤེས་སོ། །​ལུས་ཀྱིས་མ་ཤེས་སོ། །​ཡིད་ཀྱིས་མ་ཤེས་སོ། །​གཟུགས་ཀྱིས་མ་ཤེས་སོ། །​སྒྲས་མ་ཤེས་སོ། །​དྲིས་མ་ཤེས་སོ། །​རོས་མ་ཤེས་སོ། །​རེག་གིས་མ་ཤེས་སོ། །​ཆོས་ཀྱིས་མ་ཤེས་སོ། །​མྱིག་གི་རྣམ་པར་ཤེས་པས་མ་ཤེས་སོ། །​རྣ་བའི་རྣམ་པར་ཤེས་པས་མ་ཤེས་སོ། །​སྣའི་རྣམ་པར་ཤེས་པས་མ་ཤེས་སོ། །​ལྕེའི་རྣམ་པར་ཤེས་པས་མ་ཤེས་སོ། །ལུས་ཀྱི་རྣམ་པར་ཤེས་པས་མ་ཤེས་སོ། །​ཡིད་ཀྱི་རྣམ་པར་ཤེས་པས་མ་ཤེས་སོ། །​མྱིག་གི་འདུས་ཏེ་རེག་པས་མ་ཤེས་སོ། །​རྣ་བའི་འདུས་ཏེ་རེག་པས་མ་ཤེས་སོ། །​སྣའི་འདུས་ཏེ་རེག་པས་མ་ཤེས་སོ། །​ལྕེའི་འདུས་ཏེ་རེག་པས་མ་ཤེས་སོ། །​ལུས་ཀྱི་འདུས་ཏེ་རེག་པས་མ་ཤེས་སོ། །​ཡིད་ཀྱི་འདུས་ཏེ་རེག་པས་མ་ཤེས་སོ། །​མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །​སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །​ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །​ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་མ་ཤེས་སོ། །​སའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98917#UT22084-014-001-98917