རྟོག་པར་མྱི་འགྱུར་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྤྱོད་པའི་ཚེ། བདག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱོད་པའི་ཚེ། བདག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་སྤྱོད་པའི་ཚེ། བདག་ནི་ཕྱིར་མྱི་འོང་བའི་འབྲས་བུ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་དགྲ་བཅོམ་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། རང་བྱང་ཆུབ་ལ་སྤྱོད་པའི་ཚེ། བདག་ནི་རང་བྱང་ཆུབ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟར་ཡང་དག་པར་བསྟན་པར་བྱ། ཡང་དག་པར་བསྐུལ་བར་བྱ། ཡང་དག་པར་སྤྲོ་བ་བསྐྱེད་པར་བྱ། ཡང་དག་པར་དགའ་བ་བསྐྱེད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་གཞན་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྟན་པར་བྱའོ། །​ཡང་དག་པར་བསྐུལ་བར་བྱའོ། །​ཡང་དག་པར་སྤྲོ་བ་བསྐྱེད་པར་བྱའོ། །​ཡང་དག་པར་དགའ་བ་བསྐྱེད་པར་བྱའོ། །​དེ་ཡང་དག་པར་བསྟན་པ་དེ་དང་ཡང་དག་པར་བསྐུལ་བ་དེ་དང་། ཡང་དག་པར་སྤྲོ་བ་བསྐྱེད་པར་བྱ་བ་དེ་དང་། ཡང་དག་པར་དགའ་བ་བསྐྱེད་པར་བྱ་བ་དེས་གཞན་ཡང་དག་པར་སྟོན་ཅིང་ཡང་དག་པར་བསྐུལ་བ་དང་། ཡང་དག་པར་སྤྲོ་བ་བསྐྱེད་ཅིང་ཡང་དག་པར་དགའ་བར་བྱེད་པའི་ཚེ། རྨ་འབྱུང་བར་མྱི་འགྱུར་ཞིང་སངས་རྒྱས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98914#UT22084-014-001-98914