པར་ཐར་པ་བརྒྱད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ཏིང་ངེ་འཛིན་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​གཟུངས་ཀྱི་སྒོ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​མྱི་འཇིགས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​བྱམས་པ་ཆེན་པོའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​སྙིང་རྗེ་ཆེན་པོའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ཕྱིར་མྱི་འོང་བའི་འབྲས་བུའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​རང་བྱང་ཆུབ་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཞན་ཞིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྟན་ཏམ། ཡང་དག་པར་བསྐུལ་ལམ། ཡང་དག་པར་སྤྲོ་བ་བསྐྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98909#UT22084-014-001-98909