འཇིགས་པ་རྣམས་སུ་འདུ་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་སུ་འདུ་ཤེས་པ་དང་། བྱམས་པ་ཆེན་པོར་འདུ་ཤེས་པ་དང་། སྙིང་རྗེ་ཆེན་པོར་འདུ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དུ་འདུ་ཤེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་འདུ་ཤེས་པར་གྱུར་ཏེ། སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་དག་ཏུ་འདུ་ཤེས་ནས། དགེ་བའི་རྩ་བ་དེ་དག་མངོན་པར་བསྡུས་ཏེ་གཅིག་ཏུ་བརྟུལ་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་ཡོངས་སུ་བསྔོ་བ་དེར་ཡང་འདུ་ཤེས་པ་དེ་དག་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ཀྱི་ཆགས་པ་སྟེ། ཆགས་པ་དེ་དག་ལ་ཆགས་པར་གྱུར་ན། ཆགས་པ་མྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མྱི་ནུས་སོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཀཽ་ཤི་ཀ་གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ཚོར་བའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​འདུ་ཤེས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​འདུ་བྱེད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​མྱིག་གི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​རྣ་བའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​སྣའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ལྕེའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ལུས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ཡིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །​གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​སྒྲའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​དྲིའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​རོའི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​རེག་གི་རང་བཞིན་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ཆོས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98905#UT22084-014-001-98905