བདེན་པ་རྣམས་ལ་སྤྱོད་ན་ཆགས་པའོ། །​བསམ་གཏན་རྣམས་ལ་སྤྱོད་ན་ཆགས་པའོ། །​ཚད་མྱེད་པ་རྣམས་ལ་སྤྱོད་ན་ཆགས་པའོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །​རྣམ་པར་ཐར་པ་རྣམས་ལ་སྤྱོད་ན་ཆགས་པའོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་ན་ཆགས་པའོ། །​མངོན་པར་ཤེས་པ་རྣམས་ལ་སྤྱོད་ན་ཆགས་པའོ། །​ཏིང་ངེ་འཛིན་རྣམས་ལ་སྤྱོད་ན་ཆགས་པའོ། །​གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ན་ཆགས་པའོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་ན་ཆགས་པའོ། །​མྱི་འཇིགས་པ་རྣམས་ལ་སྤྱོད་ན་ཆགས་པའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །​བྱམས་པ་ཆེན་པོ་ལ་སྤྱོད་ན་ཆགས་པའོ། །​སྙིང་རྗེ་ཆེན་པོ་ལ་སྤྱོད་ན་ཆགས་པའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་ན་ཆགས་པའོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྤྱོད་ན་ཆགས་པའོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱོད་ན་ཆགས་པའོ། །​ཕྱིར་མྱི་འོང་བའི་འབྲས་བུ་ལ་སྤྱོད་ན་ཆགས་པའོ། །​དགྲ་བཅོམ་པ་ཉིད་ལ་སྤྱོད་ན་ཆགས་པའོ། །​རང་བྱང་ཆུབ་ལ་སྤྱོད་ན་ཆགས་པའོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ན་ཆགས་པའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ན་ཆགས་པའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ཀྱི་ཆགས་པ་མྱེད་པ་གང་ཞེས་ཟེར་བ་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་ལ་གཟུགས་ཞེས་བྱ་བར་འདུ་ཤེས་པ་མྱེད་དོ། །​ཚོར་བ་ལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98901#UT22084-014-001-98901