ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དེ་ལྟར་ལེགས་པར་བཤད་ཅིང་ལེགས་པར་བསྟན་ལ་ཆགས་པ་དང་མ་ཆགས་པ་དེ་དག་ཀྱང་མཆིས་པ་ངོ་མཚར་ཆེའོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆགས་པ་ནི་གང་ཡིན་མ་ཆགས་པ་ནི་གང་ཡིན། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐབས་མྱི་མཁས་པས། གཟུགས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​ཚོར་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​འདུ་ཤེས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​འདུ་བྱེད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​མྱིག་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​རྣ་བ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​སྣ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​ལྕེ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​ལུས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​ཡིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​གཟུགས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​སྒྲ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​དྲི་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​རོ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​རེག་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​ཆོས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​སྣའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །​ལྕེའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98895#UT22084-014-001-98895