སྟོང་པ་ཉིད་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །​གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མྱེད་པའི་ཕྱིར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །​གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན། བདག་རྣམ་པར་དག་པས། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མྱེད་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །​གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་ཡང་དག་པར་སྤོང་པ་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན། བདག་རྣམ་པར་དག་པས། ཡང་དག་པར་སྤོང་བ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མྱེད་པའི་ཕྱིར་ཡང་དག་པར་སྤོང་བ་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །​གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98856#UT22084-014-001-98856