བདག་མྱེད་པའི་ཕྱིར། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །​གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས། དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོརད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མྱེད་པའི་ཕྱིར་དོར་བ་མྱེད་པ་སྟོང་པ་ཉིད་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །​གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མྱེད་པའི་ཕྱིར་རང་བཞིན་སྟོང་པ་ཉིད་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །​གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མྱེད་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །​གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98854#UT22084-014-001-98854