འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​ལྕེའི་རྣམ་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​ལུས་ཀྱི་རྣམ་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​ཡིད་ཀྱི་རྣམ་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​མྱིག་གི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​རྣ་བའི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​སྣའི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​ལྕེའི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​ལུས་ཀྱི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​ཡིད་ཀྱི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​སའི་ཁམས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །​ཆུའི་ཁམས་ལ་འཕོ་བ་མྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98786#UT22084-014-001-98786