ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །​གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་སྣང་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་གང་རྣམ་པར་དག་པའི་སླད་དུ་རྣམ་པར་དག་པ་སྣང་བ་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​འདུ་ཤེས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​འདུ་བྱེད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​ཤ་ར་དྭ་ཏིའི་བུ་མྱིག་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​རྣ་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​སྣ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ལྕེ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​ལུས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​ཡིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​ཤ་ར་དྭ་ཏིའི་བུ་གཟུགས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྒྲ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​དྲི་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​རོ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​རེག་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​ཆོས་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་སྣང་བའོ། །​ཤ་ར་དྭ་ཏིའི་བུ་མྱིག་གི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །​རྣ་བའི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། །​རྣམ་པར་དག་པ་སྣང་བའོ། །​སྣའི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98780#UT22084-014-001-98780