མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། དྲིའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་དྲིའི་ཁམས་མཆིས་པར་ཡང་ག་ལ་འགྱུར། དྲིའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྣའི་རྣམ་པར་ཤེས་པའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྣའི་རྣམ་པར་ཤེས་པའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྣའི་རྣམ་པར་ཤེས་པའི་ཁམས་མཆིས་པར་ཡང་ག་ལ་འགྱུར། སྣའི་རྣམ་པར་ཤེས་པའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལྕེའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལྕེའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལྕེའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ལྕེའི་ཁམས་མཆིས་པར་ཡང་ག་ལ་འགྱུར། ལྕེའི་ཁམས་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རོའི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རོའི་ཁམས་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རོའི་ཁམས་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6431#UT22084-014-001-6431