པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་དག་པས། མྱིག་གི་རྣམ་པར་ཤེས་པ་རྣམ་པར་དག་པ། མྱིག་གི་རྣམ་པར་ཤེས་པ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་དག་པ་དང་། མྱིག་གི་རྣམ་པར་ཤེས་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་དག་པས། རྣ་བའི་རྣམ་པར་ཤེས་པ་རྣམ་པར་དག་པ། རྣ་བའི་རྣམ་པར་ཤེས་པ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་དག་པ་དང་། རྣ་བའི་རྣམ་པར་ཤེས་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་དག་པས། སྣའི་རྣམ་པར་ཤེས་པ་རྣམ་པར་དག་པ། སྣའི་རྣམ་པར་ཤེས་པ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་དག་པ་དང་། སྣའི་རྣམ་པར་ཤེས་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་དག་པས། ལྕེའི་རྣམ་པར་ཤེས་པ་རྣམ་པར་དག་པ། ལྕེའི་རྣམ་པར་ཤེས་པ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་དག་པ་དང་། ལྕེའི་རྣམ་པར་ཤེས་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98683#UT22084-014-001-98683