དག་པས། མི་འཇིགས་པ་ཡོངས་སུ་དག་པ། མྱི་འཇིགས་པ་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང་། མྱི་འཇིགས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​འདོད་ཆགས་ཡོངས་སུ་དག་པས། སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པ། སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང་། སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​འདོད་ཆགས་ཡོངས་སུ་དག་པས། བྱམས་པ་ཆེན་པོ་ཡོངས་སུ་དག་པ། བྱམས་པ་ཆེན་པོ་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང་། བྱམས་པ་ཆེན་པོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​འདོད་ཆགས་ཡོངས་སུ་དག་པས། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​འདོད་ཆགས་ཡོངས་སུ་དག་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​འདོད་ཆགས་ཡོངས་སུ་དག་པས། ཐམས་ཅད་ཤེས་པ་ཉིད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98230#UT22084-014-001-98230