དོ། །​འདོད་ཆགས་ཡོངས་སུ་དག་པས། རོ་ཡོངས་སུ་དག་པ། རོ་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང་། རོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​འདོད་ཆགས་ཡོངས་སུ་དག་པས། རེག་ཡོངས་སུ་དག་པ། རེག་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང་། རེག་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​འདོད་ཆགས་ཡོངས་སུ་དག་པས། ཆོས་ཡོངས་སུ་དག་པ། ཆོས་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང་། ཆོས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​འདོད་ཆགས་ཡོངས་སུ་དག་པས། མིག་གི་རྣམ་པར་ཤེས་པ་ཡོངས་སུ་དག་པ། མིག་གི་རྣམ་པར་ཤེས་པ་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང་། མིག་གི་རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​འདོད་ཆགས་ཡོངས་སུ་དག་པས། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་དག་པ། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང་། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​འདོད་ཆགས་ཡོངས་སུ་དག་པས། སྣའི་རྣམ་པར་ཤེས་པ་ཡོངས་སུ་དག་པ། སྣའི་རྣམ་པར་ཤེས་པ་ཡོངས་སུ་དག་པས། འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98214#UT22084-014-001-98214