དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། ཡང་དག་པར་སྤོང་བ་རྣམ་པར་དག་པ། ཡང་དག་པར་སྤོང་བ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། ཡང་དག་པར་སྤོང་བ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །གཏི་མུག་རྣམ་པར་དག་པས། རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པ། རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། དབང་པོ་རྣམ་པར་དག་པ། དབང་པོ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། དབང་པོ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། སྟོབས་རྣམ་པར་དག་པ། སྟོབས་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། སྟོབས་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། བྱང་ཆུབ་ཀྱི་ཡན་ལག་རྣམ་པར་དག་པ། བྱང་ཆུབ་ཀྱི་ཡན་ལག་རྣམ་པར་དག་པས། གཏི་མུག་རྣམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98206#UT22084-014-001-98206