པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། ནང་སྟོང་པ་ཉིད་རྣམ་པར་དག་པ། ནང་སྟོང་པ་ཉིད་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། ནང་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། ཕྱི་སྟོང་པ་ཉིད་རྣམ་པར་དག་པ། ཕྱི་སྟོང་པ་ཉིད་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། ཕྱི་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98202#UT22084-014-001-98202