དྲུག་ཡོངས་སུ་དག་པ། སྐྱེ་མཆེད་དྲུག་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། སྐྱེ་མཆེད་དྲུག་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​མཐོང་བ་པོ་ཡོངས་སུ་དག་པས། རེག་པ་ཡོངས་སུ་དག་པ། རེག་པ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། རེག་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​མཐོང་བ་པོ་ཡོངས་སུ་དག་པས། ཚོར་བ་ཡོངས་སུ་དག་པ། ཚོར་བ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​མཐོང་བ་པོ་ཡོངས་སུ་དག་པས། སྲེད་པ་ཡོངས་སུ་དག་པ། སྲེད་པ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། སྲེད་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​མཐོང་བ་པོ་ཡོངས་སུ་དག་པས། ལེན་པ་ཡོངས་སུ་དག་པ། ལེན་པ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། ལེན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​མཐོང་བ་པོ་ཡོངས་སུ་དག་པས། སྲིད་པ་ཡོངས་སུ་དག་པ། སྲིད་པ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། སྲིད་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​མཐོང་བ་པོ་ཡོངས་སུ་དག་པས། སྐྱེ་བ་ཡོངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98145#UT22084-014-001-98145