ཤེས་པ་པོ་ཡོངས་སུ་དག་པས། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་དག་པ། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཤེས་པ་པོ་ཡོངས་སུ་དག་པས། སྣའི་རྣམ་པར་ཤེས་པ་ཡོངས་སུ་དག་པ། སྣའི་རྣམ་པར་ཤེས་པ་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། སྣའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཤེས་པ་པོ་ཡོངས་སུ་དག་པས། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་དག་པ། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སམ་ཡིན་ཐ་མྱི་དད་དོ། །​ཤེས་པ་པོ་ཡོངས་སུ་དག་པས། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པ། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཤེས་པ་པོ་ཡོངས་སུ་དག་པས། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པ། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཤེས་པ་པོ་ཡོངས་སུ་དག་པས། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་དག་པ། མྱིག་གི་འདུས་ཏེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98121#UT22084-014-001-98121