འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། །​ཤེས་པ་པོ་ཡོངས་སུ་དག་པས། གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། གཟུགས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཤེས་པ་པོ་ཡོངས་སུ་དག་པས། ཚོར་བ་ཡོངས་སུ་དག་པ། ཚོར་བ་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཤེས་པ་པོ་ཡོངས་སུ་དག་པས། འདུ་ཤེས་ཡོངས་སུ་དག་པ། འདུ་ཤེས་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། འདུ་ཤེས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཤེས་པ་པོ་ཡོངས་སུ་དག་པས། འདུ་བྱེད་ཡོངས་སུ་དག་པ། འདུ་བྱེད་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། འདུ་བྱེད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཤེས་པ་པོ་ཡོངས་སུ་དག་པས། རྣམ་པར་ཤེས་པ་ཡོངས་སུ་དག་པ། རྣམ་པར་ཤེས་པ་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཤེས་པ་པོ་ཡོངས་སུ་དག་པས། མྱིག་ཡོངས་སུ་དག་པ། མྱིག་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98118#UT22084-014-001-98118