སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཚོར་བ་པོ་ཡོངས་སུ་དག་པས། ལེན་པ་ཡོངས་སུ་དག་པ། ལེན་པ་ཡོངས་སུ་དག་པས། ཚོར་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཚོར་བ་པོ་ཡོངས་སུ་དག་པ་དང་། ལེན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཚོར་བ་པོ་ཡོངས་སུ་དག་པས། སྲིད་པ་ཡོངས་སུ་དག་པ། སྲིད་པ་ཡོངས་སུ་དག་པས། ཚོར་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཚོར་བ་པོ་ཡོངས་སུ་དག་པ་དང་། སྲིད་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཚོར་བ་པོ་ཡོངས་སུ་དག་པས། སྐྱེ་བ་ཡོངས་སུ་དག་པ། སྐྱེ་བ་ཡོངས་སུ་དག་པས། ཚོར་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཚོར་བ་པོ་ཡོངས་སུ་དག་པ་དང་། སྐྱེ་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཚོར་བ་པོ་ཡོངས་སུ་དག་པས། རྒ་ཤི་ཡོངས་སུ་དག་པ། རྒ་ཤི་ཡོངས་སུ་དག་པས། ཚོར་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཚོར་བ་པོ་ཡོངས་སུ་དག་པ་དང་། རྒ་ཤི་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། ཚོར་བ་པོ་ཡོངས་སུ་དག་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས། ཚོར་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཚོར་བ་པོ་ཡོངས་སུ་དག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། ཚོར་བ་པོ་ཡོངས་སུ་དག་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས། ཚོར་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཚོར་བ་པོ་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98108#UT22084-014-001-98108