ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​གང་ཟག་ཡོངས་སུ་དག་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་དག་པ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​གང་ཟག་ཡོངས་སུ་དག་པས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་དག་པ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གང་ཟག་ཡོངས་སུ་དག་པས། ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་དག་པ། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གང་ཟག་ཡོངས་སུ་དག་པས། དགྲ་བཅོམ་པ་ཉིད་ཡོངས་སུ་དག་པ། དགྲ་བཅོམ་པ་ཉིད་ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། དགྲ་བཅོམ་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གང་ཟག་ཡོངས་སུ་དག་པས། རང་བྱང་ཆུབ་ཡོངས་སུ་དག་པ། རང་བྱང་ཆུབ་ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། རང་བྱང་ཆུབ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98043#UT22084-014-001-98043