ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གང་ཟག་ཡོངས་སུ་དག་པས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གང་ཟག་ཡོངས་སུ་དག་པས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གང་ཟག་ཡོངས་སུ་དག་པས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​གང་ཟག་ཡོངས་སུ་དག་པས། སའི་ཁམས་ཡོངས་སུ་དག་པ། སའི་ཁམས་ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གང་ཟག་ཡོངས་སུ་དག་པ་དང་། སའི་ཁམས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གང་ཟག་ཡོངས་སུ་དག་པས། ཆུའི་ཁམས་ཡོངས་སུ་དག་པ། ཆུའི་ཁམས་ཡོངས་སུ་དག་པས། གང་ཟག་ཡོངས་སུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98031#UT22084-014-001-98031