དག་པས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་དག་པ། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྐྱེས་བུ་ཡོངས་སུ་དག་པས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་དག་པ། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། སྐྱེས་བུ་ཡོངས་སུ་དག་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་དག་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྐྱེས་བུ་ཡོངས་སུ་དག་པས། དྲན་པ་ཉེ་བར་གཞག་པ་ཡོངས་སུ་དག་པ། དྲན་པ་ཉེ་བར་གཞག་པ་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། དྲན་པ་ཉེ་བར་གཞག་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྐྱེས་བུ་ཡོངས་སུ་དག་པས། ཡང་དག་པར་སྤོང་བ་ཡོངས་སུ་དག་པ། ཡང་དག་པར་སྤོང་བ་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། ཡང་དག་པར་སྤོང་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྐྱེས་བུ་ཡོངས་སུ་དག་པས། རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་དག་པ། རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98020#UT22084-014-001-98020