ཁམས་ཡོངས་སུ་དག་པ། རླུང་གི་ཁམས་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། རླུང་གི་ཁམས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྐྱེས་བུ་ཡོངས་སུ་དག་པས། ནམ་མཁའི་ཁམས་ཡོངས་སུ་དག་པ། ནམ་མཁའི་ཁམས་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། ནམ་མཁའི་ཁམས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྐྱེས་བུ་ཡོངས་སུ་དག་པས། རྣམ་པར་ཤེས་པའི་ཁམས་ཡོངས་སུ་དག་པ། རྣམ་པར་ཤེས་པའི་ཁམས་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། རྣམ་པར་ཤེས་པའི་ཁམས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྐྱེས་བུ་ཡོངས་སུ་དག་པས། མ་རིག་པ་ཡོངས་སུ་དག་པ། མ་རིག་པ་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། མ་རིག་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྐྱེས་བུ་ཡོངས་སུ་དག་པས། འདུ་བྱེད་ཡོངས་སུ་དག་པ། འདུ་བྱེད་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། འདུ་བྱེད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྐྱེས་བུ་ཡོངས་སུ་དག་པས། རྣམ་པར་ཤེས་པ་ཡོངས་སུ་དག་པ། རྣམ་པར་ཤེས་པ་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྐྱེས་བུ་ཡོངས་སུ་དག་པས། མྱིང་དང་གཟུགས་ཡོངས་སུ་དག་པ། མྱིང་དང་གཟུགས་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99255#UT22084-014-001-99255