སུ་དག་པ། བྱམས་པ་ཆེན་པོ་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། བྱམས་པ་ཆེན་པོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་དག་པ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་དག་པ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་དག་པ། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98007#UT22084-014-001-98007